Tashi Lhunpo Monastery

༄༅། གདན་ས་བཀྲ་ཤིས་ལྷུན་པོ།


Tashi Lhunpo Monastery


30th anniversary of His Holiness 10th Panchen Lama Jetsun Lobsang Thinley Lhundup Choekyi Gyaltsen Pal-sangpo’s demise

Posted on December 26, 2018.

Dear dharma friends from all over the world,

In an expression of deep gratitude, the monks and staff of Tashi Lhunpo monastery based in South India is organising a grand prayer service on 28 December to mark the 30th anniversary of His Holiness 10th Panchen Lama Jetsun Lobsang Thinley Lhundup Choekyi Gyaltsen Pal-sangpo’s demise.

The prayer service will be held in the holy city of Bodh Gaya and presided by His Holiness the Dalai Lama. Spiritual teachers and practitioners from all the major schools of the Tibetan Buddhist tradition along with thousands of devotees will attend the service.

Therefore, if fellow practitioners from members of the public would like to offer prayers or contribute towards the service as a mark of gratitude, you are welcome to do so.

Sincerely,
Tashi Lhunpo monastery

Categories of Offerings:

1. Offerings to the Buddha.
2. Offerings to the Sanghas (members of the clergy)
3. Distribution of food and drinks to the poor and needy
4. Massive campaign to rescue animals from slaughterhouses ( Buddhist practice of life release)

༅། །འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་དམ་མཐུན་ཆོས་གྲོགས་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ།

ཆེད་གསོལ།

འདི་ག་རྒྱ་གར་ལྷོ་ཕྱོགས་གདན་ས་བཀྲ་ཤིས་ལྷུན་པོའི་བླ་ལས་ཐུན་མོང་ནས་གོ་སྒྲིག་ཞུས་ཏེ། སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ ཉིན་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་བཟང་པོ་མཆོག་གངས་ལྗོངས་བསྟན་འགྲོའི་དོན་དུ་དགོངས་པ་ཞི་བར་གཤེགས་ནས་ལོ་ངོ་ ༣༠ འཁོར་བའི་བཀའ་དྲིན་རྗེས་སུ་དྲན་པའི་དུས་ཆེན་སྲུང་བརྩི་ཞུ་ཕྱིར། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་སྒྲོན་འབུལ་སྔོན་སོང་དང་འབྲེལ། གནས་མཆོག་རྡོ་རྗེ་གདན་དུ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རིས་མེད་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་སོགས་དད་ལྡན་གྲྭ་བཙུན་སེར་སྐྱ་སྟོང་ཕྲག་མང་པོ་གདན་འཛོམས་པའི་དབུས་སུ་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ་མཛད་སྒོ་རྒྱ་ཆེན་ཞིག་ཚོགས་རྒྱུ་ལགས་ན། དམ་མཐུན་སེར་སྐྱ་ཡོངས་ནས་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་ཐུགས་སྨོན་གསོལ་འདེབས་གནང་སྐྱོང་ཡོང་བའི་དགེ་སྐུལ་ཞུ་བཞིན་ཡོད་ན་དེ་དོན་ཐུགས་ལ་མངའ་བ་ཞུ།། གདན་ས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་ལྷན་ཁང་ནས།། །།

མཆོད་འབུལ་གྱི་རྣམ་གྲངས། 
དཀོན་མཆོག་ལ་མཆོད་པ།
དགེ་འདུན་ལ་བསྙེན་བཀུར།
ངན་སློང་ལ་སྦྱིན་གཏོང་།
ཉམ་ཐག་སེམས་ཅན་སྲོག་བླུ་སོགས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེ་གནང་རྒྱུ།།